Degé Kangyur volume 16, F.74.b

གྱིས་ལྟ་བ་སྐྱེད་དོ། །​གཟུངས་ཀྱི་སྒོར་དམྱིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །​དེ་བཞིན་གཤེགས་པའི་སྟོབས་སུ་དམྱིགས་ཤིང་དམྱིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །​མྱི་འཇིགས་པར་དམྱིགས་ཤིང་དམྱིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །​སོ་སོ་ཡང་དག་པར་རིག་པར་དམྱིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །​བྱམས་པ་ཆེན་པོར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །​སྙིང་རྗེ་ཆེན་པོར་དམྱིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པར་དམིགས་ཤིང་དམྱིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །​སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བར་དམྱིགས་ཤིང་དམྱིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །​སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །​བྱང་ཆུབ་ཏུ་དམྱིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །​སངས་རྒྱས་སུ་དམིགས་ཤིང་དམྱིགས་པའི་ཚུལ་གྱིས་ལྟ་བསྐྱེད་དོ། །​ཆོས་སུ་དམྱིགས་ཤིང་དམྱིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །​དགེ་འདུན་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །​ཆོས་ཀྱི་འཁོར་ལོ་བསྐོར་བར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་སྐྱེད་དོ། །​ཡོངས་སུ་མྱ་ངན་ལས་འདའ་བར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བསྐྱེད་དོ། །​ཚེ་དང་ལྡན་པ་རབ་འབྱོར་དེའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གཟུགས་སུ་ལྟ་བར་འགྱུར་བ་ཡིན། ཚོར་བར་ལྟ་བ་དང་། འདུ་ཤེས་སུ་ལྟ་བ་དང་། འདུ་བྱེད་དུ་ལྟ་བ་དང་། རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། དེའི་ཕྱིར་མིག་ཏུ་ལྟ་བར་འགྱུར་བ་ཡིན། རྣ་བར་ལྟ་བ་དང་། སྣར་ལྟ་བ་དང་། ལྕེར་ལྟ་བ་དང་། ལུས་སུ་ལྟ་བ་དང་། ཡིད་དུ་ལྟ་བར་འགྱུར་བ་ཡིན། །​དེའི་ཕྱིར་གཟུགས་སུ་ལྟ་བར་འགྱུར་བ་ཡིན། སྒྲར་ལྟ་བ་དང་། དྲིར་ལྟ་བ་དང་། རོར་ལྟ་བ་དང་། རེག་ཏུ་ལྟ་བ་དང་། ཆོས་སུ་ལྟ་བར་འགྱུར་བ་ཡིན། དེའི་ཕྱིར་མིག་གི་རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། རྣ་བའི་རྣམ་པར་ཤེས་པར་ལྟ་བ་དང་། སྣའི་རྣམ་པར་ཤེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7596#UT22084-014-001-7596