Degé Kangyur volume 16, F.69.b

འཛིན་ལ་གནས། རྣམ་པ་ཐམས་ཅད་དུ་འོད་བྱེད་པའི་ཏིང་ངེ་འཛིན་ལ་གནས། འཇིག་རྟེན་ཐམས་ཅད་སྐྱོབ་པའི་ཏིང་ངེ་འཛིན་ལ་གནས། ཏིང་ངེ་འཛིན་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས། རྡུལ་མྱེད་ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་པའི་ཏིང་ངེ་འཛིན་ལ་གནས། ཉོན་མོངས་པ་མྱེད་པར་ཡང་དག་པར་གཞོལ་བའི་ཏིང་ངེ་འཛིན་ལ་གནས། ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མྱེད་པར་ཡང་དག་པར་གཞོལ་བའི་ཏིང་ངེ་འཛིན་ལ་གནས། གནས་དམྱིགས་སུ་མྱེད་པ་ལ་བརྩོན་པའི་ཏིང་ངེ་འཛིན་ལ་གནས་དེ་བཞིན་ཉིད་ལ་གནས་ཤིང་སེམས་མྱེད་པའི་ཏིང་ངེ་འཛིན་ལ་གནས། སྣོད་ལས་རང་འབྱུང་བའི་ཏིང་ངེ་འཛིན་ལ་གནས། ཉོན་མོངས་པ་ཐམས་ཅད་སྲེག་པའི་ཏིང་ངེ་འཛིན་ལ་གནས། ཡེ་ཤེས་ཆེན་པོའི་སྒྲོན་མའི་ཏིང་ངེ་འཛིན་ལ་གནས། སྟོབས་བཅུའི་འབྱུང་གནས་སུ་གྱུར་པའི་ཏིང་ངེ་འཛིན་ལ་གནས། སྒོ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ལ་གནས། ལུས་ཀྱི་སྐྱོན་ཡང་དག་པར་སེལ་བའི་ཏིང་ངེ་འཛིན་ལ་གནས། ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པའི་ཏིང་ངེ་འཛིན་ལ་གནས། ངག་གི་སྐྱོན་ཡང་དག་པར་སེལ་བའི་ཏིང་ངེ་འཛིན་ལ་གནས། ཡིད་ཀྱི་སྐྱོན་ཡང་དག་པར་སེལ་བའི་ཏིང་ངེ་འཛིན་ལ་གནས། ཀུན་ཏུ་རྟོག་པའི་ཏིང་ངེ་འཛིན་ལ་གནས། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ལ་གནས། ནམ་མཁའ་ལྟར་ཆགས་པ་མྱེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་དུ་མྱི་དམྱིགས་པའི་ཚུལ་གྱིས་འགྱུར་བར་བྱའོ། །​རབ་འབྱོར་ཆོས་དེ་དག་ལ་གནས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱེད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དྲུག་པ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7586#UT22084-014-001-7586