Degé Kangyur volume 16, F.50.b

གནས་མེད་དོ། །​མི་དམིགས་པ་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །​མི་དམིགས་པ་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། །​རབ་འབྱོར་དངོས་པོ་མེད་པ་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །​དངོས་པོ་མེད་པ་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །​དངོས་པོ་མེད་པ་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​དངོས་པོ་མེད་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །​དངོས་པོ་མེད་པ་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། །​རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །​ངོ་བོ་ཉིད་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །​ངོ་བོ་ཉིད་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​ངོ་བོ་ཉིད་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །​ངོ་བོ་ཉིད་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །​ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། །​རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། །​རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །​དྲན་པ་ཉེ་བར་གཞག་པ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །​དྲན་པ་ཉེ་བར་གཞག་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​དྲན་པ་ཉེ་བར་གཞག་པ་རྣམས་མངོན་པར་འདུ་བྱ་བ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7549#UT22084-014-001-7549