Degé Kangyur volume 16, F.49.b

ཉིད་མི་དམིགས་པ་ལ་གནས་མེད་དོ། །​རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །​འདུས་མ་བྱས་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །​འདུས་མ་བྱས་སྟོང་པ་ཉིད་ཀུན་ནས་ཉོན་རྨོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​འདུས་མ་བྱས་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །​འདུས་མ་བྱས་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །​འདུས་མ་བྱས་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། །​རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །​མཐའ་ལས་འདས་པ་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །​མཐའ་ལས་འདས་པ་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​མཐའ་ལས་འདས་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །​མཐའ་ལས་འདས་པ་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །​མཐའ་ལས་འདས་པ་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། །​རབ་འབྱོར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །​ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །​ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །​ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་འབྱུང་བ་མེད་པ་ལ་གནས་མེད་དོ། །​ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མི་དམིགས་པ་ལ་གནས་མེད་དོ། །​རབ་འབྱོར་དོར་བ་མེད་པ་སྟོང་པ་ཉིད་སྐྱེ་བ་མེད་པ་ལ་གནས་མེད་དོ། །​དོར་བ་མེད་པ་སྟོང་པ་ཉིད་འགག་པ་མེད་པ་ལ་གནས་མེད་དོ། །​དོར་བ་མེད་པ་སྟོང་པ་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​དོར་བ་མེད་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7547#UT22084-014-001-7547