Degé Kangyur volume 16, F.46.a

པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །​ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འབྱུང་བ་མེད་པ་ལ་གནས་མེད་དོ། །​ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་དམིགས་པ་ལ་གནས་མེད་དོ། །​རབ་འབྱོར་སའི་ཁམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །​སའི་ཁམས་འགག་པ་མེད་པ་ལ་གནས་མེད་དོ། །​སའི་ཁམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​སའི་ཁམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །​སའི་ཁམས་འབྱུང་བ་མེད་པ་ལ་གནས་མེད་དོ། །​སའི་ཁམས་མི་དམིགས་པ་ལ་གནས་མེད་དོ། །​རབ་འབྱོར་ཆུའི་ཁམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །​ཆུའི་ཁམས་འགག་པ་མེད་པ་ལ་གནས་མེད་དོ། །​ཆུའི་ཁམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​ཆུའི་ཁམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །​ཆུའི་ཁམས་འབྱུང་བ་མེད་པ་ལ་གནས་མེད་དོ། །​ཆུའི་ཁམས་མི་དམིགས་པ་ལ་གནས་མེད་དོ། །​རབ་འབྱོར་མེའི་ཁམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །​མེའི་ཁམས་འགག་པ་མེད་པ་ལ་གནས་མེད་དོ། །​མེའི་ཁམས་ཀུན་ནས་ཉོན་རྨོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​མེའི་ཁམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །​མེའི་ཁམས་འབྱུང་བ་མེད་པ་ལ་གནས་མེད་དོ། །​མེའི་ཁམས་མི་དམིགས་པ་ལ་གནས་མེད་དོ། །​རབ་འབྱོར་རླུང་གི་ཁམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །​རླུང་གི་ཁམས་འགག་པ་མེད་པ་ལ་གནས་མེད་དོ། །​རླུང་གི་ཁམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​རླུང་གི་ཁམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །​རླུང་གི་ཁམས་འབྱུང་བ་མེད་པ་ལ་གནས་མེད་དོ། །​རླུང་གི་ཁམས་མི་དམིགས་པ་ལ་གནས་མེད་དོ། །​རབ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7540#UT22084-014-001-7540