Degé Kangyur volume 16, F.42.a

དམྱིགས་པ་ལ་གནས་མེད་དོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །​གསོལ་པ། བཅོམ་ལྡན་འདས་གང་གི་སྐྱེ་བ་མ་མཆིས་པ་ལ་གནས་མ་མ་མཆིས། གང་གི་འགག་པ་མ་མཆིས་པ་ལ་གནས་མ་མཆིས། གང་གི་ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པ་ལ་གནས་མ་མཆིས། གང་གི་མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་གནས་མ་མཆིས། གང་གི་འབྱུང་བ་མ་མཆིས་པ་ལ་གནས་མ་མཆིས། གང་གི་མྱི་དམྱིགས་པ་ལ་གནས་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་སྐྱེ་བ་མེད་པ་ལ་གནས་མེད་དོ། །​གཟུགས་འགག་པ་མེད་པ་ལ་གནས་མེད་དོ། །​གཟུགས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མྱེད་པ་ལ་གནས་མྱེད་དོ། །​གཟུགས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །​གཟུགས་འབྱུང་བ་མེད་པ་ལ་གནས་མེད་དོ། །​གཟུགས་མྱི་དམྱིགས་པ་ལ་གནས་མེད་དོ། །​རབ་འབྱོར་ཚོར་བ་སྐྱེ་བ་མྱེད་པ་ལ་གནས་མེད་དོ། །​ཚོར་བ་འགག་པ་མེད་པ་ལ་གནས་མེད་དོ། །​ཚོར་བ་ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​ཚོར་བ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །​ཚོར་བ་འབྱུང་བ་མེད་པ་ལ་གནས་མེད་དོ། །ཚོར་བ་མི་དམིགས་པ་ལ་གནས་མེད་དོ། །​རབ་འབྱོར་འདུ་ཤེས་སྐྱེ་བ་མེད་པ་ལ་གནས་མེད་དོ། །​འདུ་ཤེས་འགག་པ་མེད་པ་ལ་གནས་མེད་དོ། །​འདུ་ཤེས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​འདུ་ཤེས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །​འདུ་ཤེས་འབྱུང་བ་མེད་པ་ལ་གནས་མེད་དོ། །​འདུ་ཤེས་མི་དམིགས་པ་ལ་གནས་མེད་དོ། །​རབ་འབྱོར་འདུ་བྱེད་སྐྱེ་བ་མེད་པ་ལ་གནས་མེད་དོ། །​འདུ་བྱེད་འགག་པ་མེད་པ་ལ་གནས་མེད་དོ། །​འདུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7532#UT22084-014-001-7532