Degé Kangyur volume 16, F.27.b

པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། མྱི་འཇིགས་པ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། བྱམས་པ་ཆེན་པོ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སྙིང་རྗེ་ཆེན་པོ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7503#UT22084-014-001-7503