Degé Kangyur volume 16, F.26.b

ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། འཕགས་པའི་བདེན་པ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། བསམ་གཏན་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཚད་མྱེད་པ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། རྣམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7501#UT22084-014-001-7501