Degé Kangyur volume 16, F.24.a

པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མྱེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7496#UT22084-014-001-7496