Degé Kangyur volume 16, F.19.a

པའི་ལམ་ཡན་ལག་བརྒྱད་པ་ལ་སྦྱོར་བ་དང་། འཕགས་པའི་བདེན་པ་རྣམས་ལ་སྦྱོར་བ་དང་། བསམ་གཏན་རྣམས་ལ་སྦྱོར་བ་དང་། ཚད་མྱེད་པ་རྣམས་ལ་སྦྱོར་བ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྦྱོར་བ་དང་། རྣམ་པར་ཐར་པ་རྣམས་ལ་སྦྱོར་བ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྦྱོར་བ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མྱེད་པའི་ཆོས་རྣམས་ལ་སྦྱོར་ཞིང་། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཆོས་དེ་དག་ཡོངས་སུ་བསྒོམས་ལ། ཉན་ཐོས་ཀྱིས་མངོན་དུ་གྱིས་ཤིག །​བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མྱི་སྨྲ་མྱི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་ཕ་དང་མའི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པས། ཁྱོད་ལ་ཅི་ཞིག་བྱ་དེའི་དོན་དུ་ནི་བསྐལ་པ་ཚད་མྱེད་གྲངས་མྱེད་པར་འཁོར་བ་ན་འཁོར་ཞིང་རྐང་ལག་དང་མགོ་གཅད་པ་ཚད་མྱེད་པས། ཉོན་མོངས་པར་འགྱུར་གྱིས། གང་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱར་ཡོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱར་ཡོད་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་མངོན་དུ་བྱར་ཡོད་པ་དང་། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱར་ཡོད་པ་དེ་ལ་བརྩོན་པར་གྱིས་ཤིག །​ཅེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྨྲ་མི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །​རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག །​དགེ་སློང་གི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། གཟུགས་མྱི་རྟག་ཅེས་བྱ་བར་དམྱིགས་པའི་ཚུལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7486#UT22084-014-001-7486