Degé Kangyur volume 16, F.18.a

གྱི་རྐང་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །​དབང་པོ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །​སྟོབས་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །​བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་བདག་གམ་བདག་གིས་སྟོང་ངོ་། །​འཕགས་པའི་བདེན་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །​བསམ་གཏན་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །​ཚད་མྱེད་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །​གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །​རྣམ་པར་ཐར་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །​མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བདག་གམ་བདག་གིས་སྟོང་ངོ་། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི་བདག་གམ་བདག་གིས་སྟོང་ངོ་། །​མངོན་པར་ཤེས་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །​ཏིང་ངེ་འཛིན་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །​གཟུངས་ཀྱི་སྒོ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །​དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །​མྱི་འཇིགས་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །​སོ་སོ་ཡང་དག་པར་རིག་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །​སྙིང་རྗེ་ཆེན་པོ་ནི་བདག་གམ་བདག་གིས་སྟོང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་བདག་གམ་བདག་གིས་སྟོང་ངོ་། །​དེ་ལྟར་བདག་གམ་བདག་གིས་སྟོང་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། ཡང་ཅི་ཞིག་བྱ་ཞེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མྱི་སྨྲ་མི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །​རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7484#UT22084-014-001-7484