Degé Kangyur volume 16, F.16.b

ཡོངས་སུ་སྟོན་ཏོ། །​ཞེས་བདུད་ཀྱི་ལས་རྣམ་པ་འདི་ལྟ་བུ་དག་མྱི་སྨྲ་མྱི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །​རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག །​སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ལ་ནི། བྱང་ཆུབ་ཀྱི་སེམས་ཀྱང་ཆུང་ཟད་ཀྱང་མྱེད། ཁྱོད་ནི་ཕྱིར་མྱི་ལྡོག་པ་ཡང་མ་ཡིན། ཁྱོད་ཀྱིས་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མྱི་ནུས་སོ། །​ཞེས་ཟེར་བ་འདི་ལྟ་བུའི་བདུད་ཀྱི་ལས་དག་མྱི་སྨྲ་མྱི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །​རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག །​སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ། གཟུགས་ནི་བདག་གམ་བདག་གིས་སྟོང་ངོ་། །​ཚོར་བ་ནི་བདག་གམ་བདག་གིས་སྟོང་ངོ་། །​འདུ་ཤེས་ནི་བདག་གམ་བདག་གིས་སྟོང་ངོ་། །​འདུ་བྱེད་ནི་བདག་གམ་བདག་གིས་སྟོང་ངོ་། །​རྣམ་པར་ཤེས་པ་ནི་བདག་གམ་བདག་གིས་སྟོང་ངོ་། །​མྱིག་ནི་བདག་གམ་བདག་གིས་སྟོང་ངོ་། །​རྣ་བ་ནི་བདག་གམ་བདག་གིས་སྟོང་ངོ་། །​སྣ་ནི་བདག་གམ་བདག་གིས་སྟོང་ངོ་། །​ལྕེ་ནི་བདག་གམ་བདག་གིས་སྟོང་ངོ་། །​ལུས་ནི་བདག་གམ་བདག་གིས་སྟོང་ངོ་། །​ཡིད་ནི་བདག་གམ་བདག་གིས་སྟོང་ངོ་། །​གཟུགས་ནི་བདག་གམ་བདག་གིས་སྟོང་ངོ་། །​སྒྲ་ནི་བདག་གམ་བདག་གིས་སྟོང་ངོ་། །​དྲི་ནི་བདག་གམ་བདག་གིས་སྟོང་ངོ་། །​རོ་ནི་བདག་གམ་བདག་གིས་སྟོང་ངོ་། །​རེག་ནི་བདག་གམ་བདག་གིས་སྟོང་ངོ་། །​ཆོས་ནི་བདག་གམ་བདག་གིས་སྟོང་ངོ་། །​མྱིག་གི་རྣམ་པར་ཤེས་པ་ནི་བདག་གམ་བདག་གིས་སྟོང་ངོ་། །​རྣ་བའི་རྣམ་པར་ཤེས་པ་ནི་བདག་གམ་བདག་གིས་སྟོང་ངོ་། །​སྣའི་རྣམ་པར་ཤེས་པ་ནི་བདག་གམ་བདག་གིས་སྟོང་ངོ་། །​ལྕེའི་རྣམ་པར་ཤེས་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7481#UT22084-014-001-7481