Degé Kangyur volume 16, F.14.a

མྱེད་པར། དབང་པོ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་དབང་པོ་དེ་དག་ཀྱང་དམྱིགས་ལ། དབང་པོ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྟོབས་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་སྟོབས་དེ་དག་ཀྱང་དམྱིགས་ལ། སྟོབས་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་བྱང་ཆུབ་ཀྱི་ཡན་ལག་དེ་དག་ཀྱང་དམྱིགས་ལ། བྱང་ཆུབ་ཀྱི་ཡན་ལག་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་ཀྱང་དམྱིགས་ལ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་གིས་རྐྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། འཕགས་པའི་བདེན་པ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་འཕགས་པའི་བདེན་པ་དེ་དག་ཀྱང་དམྱིགས་ལ། འཕགས་པའི་བདེན་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། བསམ་གཏན་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་བསམ་གཏན་དེ་དག་ཀྱང་དམྱིགས་ལ། བསམ་གཏན་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཚད་མྱེད་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7476#UT22084-014-001-7476