Degé Kangyur volume 15, F.346.a

ཀྱང་རློམ་སེམས་སུ་བྱེད་དོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར། གཟུགས་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར། གཟུགས་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་ཕྱི་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར། གཟུགས་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་ཕྱི་ནང་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར། གཟུགས་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར་གཟུགས་ཆེན་པོ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་ཆེན་པོ་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར། གཟུགས་དོན་དམ་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7337#UT22084-014-001-7337