།གང་དེ་ལ་ཡིད་ཀྱི་འདུས་ཏེ་རེག་པ་མཚན་མ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། གང་དེ་ལ་མྱིག་གི་འདུས་ཏེ་རེག་པ་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་རྣ་བའི་འདུས་ཏེ་རེག་པ་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས། ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྡོར་མྱི་འཇུག་པའོ། །གང་དེ་ལ་སྣའི་འདུས་ཏེ་རེག་པ་སྨོན་པ་མྱེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ལྕེའི་འདུས་ཏེ་རེག་པ་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ། །གང་དེ་ལ་ལུས་ཀྱི་འདུས་ཏེ་རེག་པ་སྨོན་པ་མེད་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་མི་འཇུག་པའོ།