Degé Kangyur volume 15, F.235.a

སྟོང་པ་ཉིད་སྟོང་པ་ཉིད་དོ། །​བཅོམ་ལྡན་འདས་ཆེན་པོ་སྟོང་པ་ཉིད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། ཆེན་པོ་སྟོང་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་ཆེན་པོ་སྟོང་པ་ཉིད་དོ། །​བཅོམ་ལྡན་འདས་དོན་དམ་པ་སྟོང་པ་ཉིད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། དོན་དམ་པ་སྟོང་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་དོན་དམ་པ་སྟོང་པ་ཉིད་དོ། །​བཅོམ་ལྡན་འདས་འདུས་བྱས་སྟོང་པ་ཉིད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། འདུས་བྱས་སྟོང་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་འདུས་བྱས་སྟོང་པ་ཉིད་དོ། །​བཅོམ་ལྡན་འདས་འདུས་མ་བྱས་སྟོང་པ་ཉིད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། འདུས་མ་བྱས་སྟོང་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་འདུས་མ་བྱས་སྟོང་པ་ཉིད་དོ། །​བཅོམ་ལྡན་འདས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །​བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །​བཅོམ་ལྡན་འདས་དོར་བ་མེད་པ་སྟོང་པ་ཉིད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། དོར་བ་མེད་པ་སྟོང་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་དོར་བ་མེད་པ་སྟོང་པ་ཉིད་དོ། །​བཅོམ་ལྡན་འདས་རང་བཞིན་སྟོང་པ་ཉིད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། རང་བཞིན་སྟོང་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ། །​བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7116#UT22084-014-001-7116