Degé Kangyur volume 15, F.210.b

པ་ཉིད་འདུས་མ་བྱས་སྟོང་པ་ཉིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​མཐའ་ལས་འདས་པ་སྟོང་པ་ཉིད་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​དོར་བ་མེད་པ་སྟོང་པ་ཉིད་དོར་བ་མེད་པ་སྟོང་པ་ཉིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​རང་བཞིན་སྟོང་པ་ཉིད་རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​ཆོས་ཐམས་ཅད་སྟོང་པ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​རང་གི་མཚན་ཉིད་སྟོང་པ་ཉིད་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​མི་དམིགས་པ་སྟོང་པ་ཉིད་མི་དམིགས་པ་སྟོང་པ་ཉིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​དངོས་པོ་མེད་པ་སྟོང་པ་ཉིད་དངོས་པོ་མེད་པ་སྟོང་པ་ཉིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​ངོ་བོ་ཉིད་སྟོང་པ་ཉིད་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​དྲན་པ་ཉེ་བར་གཞག་པ་བཞི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​ཡང་དག་པར་སྤོང་བ་བཞི་ཡང་དག་པར་སྤོང་བ་རྣམས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​རྫུ་འཕྲུལ་གྱི་རྐང་པ་བཞི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​དབང་པོ་ལྔ་དབང་པོ་རྣམས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​སྟོབས་ལྔ་སྟོབས་རྣམས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​བྱང་ཆུབ་ཀྱི་ཡན་ལག་བདུན་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7067#UT22084-014-001-7067