Degé Kangyur volume 15, F.209.a

འབྱུང་བ་མ་ཡིན་ནོ། །​ཉན་ཐོས་ཀྱི་ས་ནས་འབྱུང་བ་མ་ཡིན་ནོ། །​རང་སངས་རྒྱས་ཀྱིས་ནས་འབྱུང་བ་མ་ཡིན་ནོ། །​དེ་དག་ནི་ཡིད་མི་ཆེས་པ་སྟེ། ཇི་ལྟར་ཡིད་མི་ཆེས་ཞེ་ན། གཟུགས་གཟུགས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​ཚོར་བ་ཚོར་བས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​འདུ་ཤེས་འདུ་ཤེས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​འདུ་བྱེད་འདུ་བྱེད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​མིག་མིག་གིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​རྣ་བ་རྣ་བས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​སྣ་སྣས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​ལྕེ་ལྕེས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། ལུས་ལུས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​ཡིད་ཡིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​གཟུགས་གཟུགས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​སྒྲ་སྒྲས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​དྲི་དྲིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​རོ་རོས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​རེག་རེག་གིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​ཆོས་ཆོས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​མིག་གི་རྣམ་པར་ཤེས་པ་མིག་གི་རྣམ་པར་ཤེས་པས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​རྣ་བའི་རྣམ་པར་ཤེས་པ་རྣ་བའི་རྣམ་པར་ཤེས་པས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​སྣའི་རྣམ་པར་ཤེས་པ་སྣའི་རྣམ་པར་ཤེས་པས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​ལྕེའི་རྣམ་པར་ཤེས་པ་ལྕེའི་རྣམ་པར་ཤེས་པས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​ལུས་ཀྱི་རྣམ་པར་ཤེས་པ་ལུས་ཀྱི་རྣམ་པར་ཤེས་པས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​མིག་གི་འདུས་ཏེ་རེག་པ་མིག་གི་འདུས་ཏེ་རེག་པས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​རྣ་བའི་འདུས་ཏེ་རེག་པ་རྣ་བའི་འདུས་ཏེ་རེག་པས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7064#UT22084-014-001-7064