Degé Kangyur volume 15, F.188.b

དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། ཡང་དག་པར་སྤོང་བ་རྣམས་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། དབང་པོ་རྣམས་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། སྟོབས་རྣམས་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། འཕགས་པའི་བདེན་པ་རྣམས་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། བསམ་གཏན་རྣམས་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། ཚད་མྱེད་པ་རྣམས་ལ་མི་དམྱིགས་པའི་ཚུལ་གྱིས་སློབ་པ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མྱི་དམྱིགས་པའི་ཚུལ་གྱིས་སློབ་པ་ཡིན། རྣམ་པར་ཐར་པ་རྣམས་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། མངོན་པར་ཤེས་པ་རྣམས་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། ཏིང་ངེ་འཛིན་རྣམས་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། གཟུངས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7023#UT22084-014-001-7023