Degé Kangyur volume 15, F.187.b

དབང་པོ་རྣམས་ལ་བསླབ་པར་བྱའོ། །​སྟོབས་རྣམས་ལ་བསླབ་པར་བྱའོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བསླབ་པར་བྱའོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བསླབ་པར་བྱའོ། །​འཕགས་པའི་བདེན་པ་རྣམས་ལ་བསླབ་པར་བྱའོ། །བསམ་གཏན་རྣམས་ལ་བསླབ་པར་བྱའོ། །​ཚད་མེད་པ་རྣམས་ལ་བསླབ་པར་བྱའོ། །​གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་བསླབ་པར་བྱའོ། །​རྣམ་པར་ཐར་པ་རྣམས་ལ་བསླབ་པར་བྱའོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་བསླབ་པར་བྱའོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ལ་བསླབ་པར་བྱའོ། །​མངོན་པར་ཤེས་པ་རྣམས་ལ་བསླབ་པར་བྱའོ། །​ཏིང་ངེ་འཛིན་རྣམས་ལ་བསླབ་པར་བྱའོ། །​གཟུངས་ཀྱི་སྒོ་རྣམས་ལ་བསླབ་པར་བྱའོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་བསླབ་པར་བྱའོ། །​མྱི་འཇིགས་པ་རྣམས་ལ་བསླབ་པར་བྱའོ། །​སོ་སོ་ཡང་དག་པར་རིག་པ་རྣམས་ལ་བསླབ་པར་བྱའོ། །​བྱམས་པ་ཆེན་པོ་ལ་བསླབ་པར་བྱའོ། །​སྙིང་རྗེ་ཆེན་པོ་ལ་བསླབ་པར་བྱའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་བསླབ་པར་བྱའོ། །​དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམྱིགས་པའི་ཚུལ་གྱིས་སློབ་བོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམྱིགས་པའི་ཚུལ་གྱིས་སློབ་བོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམྱིགས་པའི་ཚུལ་གྱིས་སློབ་བོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་བོ། །​དྲན་པ་ཉེ་བར་གཞག་པ་རྣམས་ལ་མི་དམྱིགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7021#UT22084-014-001-7021