Degé Kangyur volume 15, F.171.a

པ་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་མཐའ་ལས་འདས་པ་སྟོང་པ་ཉིད་མེད། མཐའ་ལས་འདས་པ་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མེད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​དོར་བ་མེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་དོར་བ་མེད་པ་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་དོར་བ་མེད་པ་སྟོང་པ་ཉིད་མེད། དོར་བ་མེད་པ་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་དོར་བ་མེད་པ་སྟོང་པ་ཉིད། དོར་བ་མེད་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​རང་བཞིན་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རང་བཞིན་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རང་བཞིན་སྟོང་པ་ཉིད་མེད། རང་བཞིན་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད། རང་བཞིན་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་མེད། ཆོས་ཐམས་ཅད་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རང་གི་མཚན་ཉིད་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རང་གི་མཚན་ཉིད་སྟོང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6988#UT22084-014-001-6988