Degé Kangyur volume 15, F.167.a

སྟོང་པ་ཉིད་ཀྱང་ཆོས། ཆོས་ཉིད་ཀྱང་སྟོང་པ་ཉིད་དོ། །​མིག་གི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མྱིག་གི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་མིག་གི་ཁམས་མེད། མྱིག་གི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་མིག་གི་ཁམས། མྱིག་གི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །​གཟུགས་ཀྱི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་གཟུགས་ཀྱི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་ཀྱི་ཁམས་མེད། གཟུགས་ཀྱི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་གཟུགས་ཀྱི་ཁམས། གཟུགས་ཀྱི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །​མྱིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མིག་གི་རྣམ་པར་ཤེས་པའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་མིག་གི་རྣམ་པར་ཤེས་པའི་ཁམས་མེད། མིག་གི་རྣམ་པར་ཤེས་པའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་མིག་གི་རྣམ་པར་ཤེས་པའི་ཁམས། མིག་གི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །རྣ་བའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྣ་བའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རྣ་བའི་ཁམས་མེད། རྣ་བའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རྣ་བའི་ཁམས། རྣ་བའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། སྒྲའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སྒྲའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སྒྲའི་ཁམས་མེད། སྒྲའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སྒྲའི་ཁམས། སྒྲའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །​རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྣ་བའི་རྣམ་པར་ཤེས་པའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རྣ་བའི་རྣམ་པར་ཤེས་པའི་ཁམས་མེད། རྣ་བའི་རྣམ་པར་ཤེས་པའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6980#UT22084-014-001-6980