Degé Kangyur volume 15, F.162.b

པར་ཐར་པ་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་དབེན་ཞེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མི་སྤྱོད་དེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་རྟག་ཅེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བདེ་ཞེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བདག་ཅེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བདག་མེད་ཅེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཞི་ཞེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བར་མྱི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མི་སྟོང་ཞེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དབེན་ཞེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6971#UT22084-014-001-6971