Degé Kangyur volume 15, F.140.b

ཚོར་བ་བདག་ཅེས་བྱ་བར་མི་སྤྱོད། ཚོར་བ་བདག་མེད་ཅེས་བྱ་བར་མི་སྤྱོད། ཚོར་བ་ཞི་ཞེས་བྱ་བར་མི་སྤྱོད། ཚོར་བ་མ་ཞི་ཞེས་བྱ་བར་མི་སྤྱོད། ཚོར་བ་སྟོང་ཞེས་བྱ་བར་མི་སྤྱོད། ཚོར་བ་མི་སྟོང་ཞེས་བྱ་བར་མི་སྤྱོད། ཚོར་བ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཚོར་བ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཚོར་བ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ཚོར་བ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཚོར་བ་དབེན་ཞེས་བྱ་བར་མི་སྤྱོད། ཚོར་བ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །​འདུ་ཤེས་ལ་མི་སྤྱོད་དེ། འདུ་ཤེས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། འདུ་ཤེས་རྟག་ཅེས་བྱ་བར་མི་སྤྱོད། འདུ་ཤེས་མི་རྟག་ཅེས་བྱ་བར་མི་སྤྱོད། འདུ་ཤེས་བདེ་ཞེས་བྱ་བར་མི་སྤྱོད། འདུ་ཤེས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། འདུ་ཤེས་བདག་ཅེས་བྱ་བར་མི་སྤྱོད། འདུ་ཤེས་བདག་མེད་ཅེས་བྱ་བར་མི་སྤྱོད། འདུ་ཤེས་ཞི་ཞེས་བྱ་བར་མི་སྤྱོད། འདུ་ཤེས་མ་ཞི་ཞེས་བྱ་བར་མི་སྤྱོད། འདུ་ཤེས་སྟོང་ཞེས་བྱ་བར་མི་སྤྱོད། འདུ་ཤེས་མི་སྟོང་ཞེས་བྱ་བར་མི་སྤྱོད། །​འདུ་ཤེས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། འདུ་ཤེས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། འདུ་ཤེས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། འདུ་ཤེས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། འདུ་ཤེས་དབེན་ཞེས་བྱ་བར་མི་སྤྱོད། འདུ་ཤེས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །​འདུ་བྱེད་ལ་མི་སྤྱོད་དེ། འདུ་བྱེད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། འདུ་བྱེད་རྟག་ཅེས་བྱ་བར་མི་སྤྱོད། འདུ་བྱེད་མི་རྟག་ཅེས་བྱ་བར་མི་སྤྱོད། འདུ་བྱེད་བདེ་ཞེས་བྱ་བར་མི་སྤྱོད། འདུ་བྱེད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། འདུ་བྱེད་བདག་ཅེས་བྱ་བར་མི་སྤྱོད། འདུ་བྱེད་བདག་མེད་ཅེས་བྱ་བར་མི་སྤྱོད། འདུ་བྱེད་ཞི་ཞེས་བྱ་བར་མི་སྤྱོད། འདུ་བྱེད་མ་ཞི་ཞེས་བྱ་བར་མི་སྤྱོད། འདུ་བྱེད་སྟོང་ཞེས་བྱ་བར་མི་སྤྱོད། འདུ་བྱེད་མི་སྟོང་ཞེས་བྱ་བར་མི་སྤྱོད། འདུ་བྱེད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། འདུ་བྱེད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། འདུ་བྱེད་སྨོན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6927#UT22084-014-001-6927