Degé Kangyur volume 38, F.359.a

ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །​བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །​རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །​ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །​རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །​རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །​སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག། །​དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །​ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས །​དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །​དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །​རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །​བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །​མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །​སིལ་སྙན་རྣམས་དང་བྱུག་པའི་གདུགས་མཆོག་དང་། །​མར་མེ་མཆོག་དང་བདུག་པ་དམ་པ་ཡིས། །​རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །​ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །​ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །​ཁྱད་པར་ཅན་གྱི་རྒྱན་མཆོག་ཐམས་ཅད་ཀྱིས། །​རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །​མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །​དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །​བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །​རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །​འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན། །​ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །​སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །​དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །​ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །​རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །​འགྲོ་བ་རྣམས་ཀྱི་བསོད་ནམས་གང་ལ་ཡང་། །​དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །​གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །​བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །​མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །​འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །​མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །​འགྲོ་བ་ཀུན་ལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-45.html?part=UT22084-037-007-8570#UT22084-037-007-8570