Degé Kangyur volume 72, F.263.b

༄༅། །​འཕགས་པ་གནས་འཇོག་གི་མདོ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །​དེ་ནས་དྲང་སྲོང་ཆེན་པོ་སེར་སྐྱ་ཉིན་རེ་ཞིང་རྐང་པས་འགྲོ་ལ་འཆག་ཅིང་རྗེས་སུ་འཆག་པ་བཅོམ་ལྡན་འདས་ག་ལ་བ་དེར་ཆེད་དུ་སོང་སྟེ། བཅོམ་ལྡན་འདས་དང་། ཡང་དག་པར་དགའ་བ་དང་། ཡང་དག་པར་བསྙེན་པའི་གཏམ་རྣམ་པ་སྣ་ཚོགས་དག་བྱས་ནས་ཕྱོགས་གཅིག་ཏུ་འདུག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh333.html?part=UT22084-072-033-239#UT22084-072-033-239