Degé Kangyur volume 72, F.127.a

ཕྱི་མར་སྐྱེ་བ་སྟེ། །​ཚུལ་ཁྲིམས་ཕྱི་ནས་དེ་ལྟར་མིན། །​དེ་བས་ཉེ་བར་འཁོར་སོགས་ཀྱིས། །​འདི་ཉིད་ལ་ནི་བརྟན་པར་ཟུང་། །​དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། ཉེ་བར་འཁོར་ལ་སོགས་པ་དགེ་སློང་དེ་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །​དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ཞེས་བྱ་བ་རྫོགས་སོ།​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh302.html?part=UT22084-072-002-146#UT22084-072-002-146