Degé Kangyur volume 66, F.71.a

གདམས་ངག་ཡོངས་སུ་སྩལ་བ་དང་། སྙིང་རྗེ་དང་ལྡན་པ་དང་། མང་དུ་ཐོས་པ་དང་ལྡན་པ་དང་། ཏིང་ངེ་འཛིན་དང་ལྡན་པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། བརྩོན་འགྲུས་ཕུན་སུམ་ཚོགས་པས་དོན་མ་ལུས་པར་བསྒྲུབ་པའོ། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་མཚན་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།​། །​།འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱི་མདོ་རྫོགས་སོ།​། །​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh254.html?part=UT22084-066-012-120#UT22084-066-012-120