Degé Kangyur volume 57, F.331.b

༄༅།​།རྒྱ་གར་སྐད་དུ། ཨཱརྱ་པྲ་ཏི་བྷཱ་ན་མ་ཏི་བ་རི་པྲཱྀ་ཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྤོབས་པའི་བློ་གྲོས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཁྲི་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །​དེའི་ཚེ་ཚོང་དཔོན་སྤོབས་པའི་བློ་གྲོས་ཞེས་བྱ་བ་ཞིག་ཚོང་དཔོན་གྱི་བུ་ལྔ་བརྒྱ་ཙམ་སོ་སོའི་གཡོག་འཁོར་ལྔ་བརྒྱ་ལྔ་བརྒྱས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh151.html?part=UT22084-057-010-188#UT22084-057-010-188