Degé Kangyur volume 102, F.268.b

༄༅། །​དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །​འཇིག་རྟེན་འདི་འམ་གང་དག་འདས་པ་དང་། །​མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པ། །​དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་བ། །​མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེད། །​དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །​བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །​ཟད་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །​ཤེས་པས་ཤཱཀྱ་ཐུབ་དེས་རབ་ཏུ་ཕྱེ། །​བདུད་རྩི་ཞི་བ་འདུས་བྱས་མ་ཡིན་པ། །​ཆོས་དེ་དང་ནི་མཚུངས་པ་གང་ཡང་མེད། །​དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །​བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །​མཆོག་ཏུ་གང་འདོད་ཚུལ་བཞིན་རབ་བསྟན་པ། །​སྟོན་པའི་རྣལ་འབྱོར་བླ་མེད་རྟག་སྒྲུབ་པ། །​རྡོ་རྗེ་ལྟ་བུའི་མིག་གཉིས་ལ་མི་མཐོང་བ། །​ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །​དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །​བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །​གང་ཟག་ཆེན་པོ་བརྒྱད་པོ་རབ་བསྔགས་ཤིང་། །གང་ཟག་ཟུང་བཞིར་བརྗོད་པ་དེ་དག་ནི། །​དྲང་སྲོང་ཆེན་པོ་གང་ཟག་མཚུངས་མེད་པ། །​བདེ་བར་གཤེགས་པས་སྦྱིན་པའི་གནས་ཤེས་གསུངས། །​དེ་ལ་བྱིན་ན་འབྲས་བུ་ཆེར་འགྱུར་ཏེ། །​ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །​འདི་ནི་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །​བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །​གང་དག་བརྟན་པའི་ཡིད་ཀྱིས་རབ་བརྩོན་ཞིང་། །​གཽ་ཉ་མའི་བསྟན་ལ་འཇུག་བྱེད་པ། །​དེ་དག་ཐོབ་ནས་བདུད་རྩི་འཇུག་ཐོབ་སྟེ། །​མུན་པ་བསལ་ནས་མྱ་ངན་འདས་ཐོབ་པ། །​དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །​བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །​ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །​འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་། །​ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །​ཅིག་ཆར་སྤངས་ཏེ་འཕགས་པའི་བདེན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1098.html?part=UT22084-096-062-122#UT22084-096-062-122