Degé Kangyur volume 102, F.252.a

པར་ལངས་ནས་ཚིག་ཏུ་བཏོན་ན་ཐོས་པ་འཛིན་པར་འགྱུར་རོ། །​གནོད་སྦྱིན་དང་། སྲིན་པོ་དང་། མཁའ་འགྲོ་མ་ཐམས་ཅད་ཀྱིས་མདངས་འཕྲོག་པར་མི་འགྱུར་ཞིང་ཐག་རིང་པོར་ཡོངས་སུ་སྤོང་བར་འགྱུར་རོ། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །​འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོ་རྫོགས་སྷོ།​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1084.html?part=UT22084-091-062-155#UT22084-091-062-155