Degé Kangyur volume 36, F.394.b

དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱལ་པོས་ཡང་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །​ཤར་ཕྱོགས་ལོགས་ན་སྔན་ཅད་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་དྲང་སྲོང་འབྱུང་བ་ཞེས་བྱ་བ་ཡོད་དེ། །​དེ་ལ་བྱང་ཆུབ་སེམས་དཔའ་རྡོ་རྗེ་དཔལ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་སུམ་བརྒྱ་དང་ལྡན་པ་ཆོས་སྟོན་ཏོ། །​ཀྱེ་རྒྱལ་བའི་སྲས་དག་ལྷོ་ཕྱོགས་ལོགས་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་རི་དཔལ་གྱི་ཕུང་པོ་ཞེས་བྱ་བ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-38.html?part=UT22084-036-009-102#UT22084-036-009-102