Degé Kangyur volume 90, F.138.b

༄༅༅། །​རྒྱ་གར་སྐད་དུ། མ་ཧཱ་ཤཱི་ཏ་བ་ནཱི་སཱུ་ཏྲ། བོད་སྐད་དུ། བསིལ་བའི་ཚལ་ཆེན་པོའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །​འཇིག་རྟེན་མཁས་པ་རྫོགས་སངས་རྒྱས། །​གང་གིས་ཐོག་མར་རིག་སྔགས་རྣམས། །​འཛམ་བུའི་གླིང་དུ་གསུངས་པ་ཡི། །​སངས་རྒྱས་དཔལ་ལ་ཕྱག་འཚལ་ལོ། །​ད་ལྟར་བྱུང་དང་འདས་པ་དང་། །​མ་བྱོན་སངས་རྒྱས་གང་ལགས་པ། །​ཐམས་ཅད་ལ་ཡང་བདག་ཕྱག་འཚལ། །​དེ་དག་ཀུན་ལ་སྐྱབས་སུ་མཆི། །​འཁོར་ལོ་བསྐོར་བ་བླ་མེད་པ། །​མར་མེ་མཛད་ལ་ཕྱག་འཚལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh562.html?part=UT22084-090-006-403#UT22084-090-006-403