Degé Kangyur volume 45, F.110.a

རྣམས་ཀྱི་མཆོག་ནི་སྟོབས་ལྷ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགའ་སྲེད་ཅེས་བྱའོ། །​སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །​དམ་པའི་ཆོས་ནི་ལོ་ལྔ་འབུམ་གྱི་བར་དུ་གནས་སོ། །​དེ་བཞིན་གཤེགས་པ་བཞི་བཅུ་པོ་དེ་དག་གིས་སངས་རྒྱས་ཀྱི་ཕྲིན་ལས་མཛད་པ་ཇི་སྙེད་པ་དེ་སྙེད་ཅིག་ནི་དེ་བཞིན་གཤེགས་པ་འདིས་སེམས་ཅན་རྣམས་གྲོལ་བར་མཛད་པར་འགྱུར་རོ། །​དེ་ལྟ་བས་ན་འདིའི་འདུས་པ་རྣམས་ཀྱང་མ་སྨོས་སོ། །​ས་གཞི་ཆེན་པོ་ཡང་རིན་པོ་ཆེ་བདུན་གྱི་རང་བཞིན་དུ་འགྱུར་རོ། །​རིན་པོ་ཆེའི་ཤིང་དང་གོས་བྱུང་བའི་ཤིང་གིས་ཀྱང་རྒྱས་པར་འགྱུར་རོ། །​སེམས་ཅན་རྣམས་ནི་རྫུས་ཏེ་འབྱུང་བར་འགྱུར་རོ། །​ངན་སོང་གསུམ་ཡང་གཏན་འབྱུང་བར་མི་འགྱུར་རོ།​། །​།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་པ། དེ་བཞིན་གཤེགས་པ་ཚོགས་ཅན་སྐྱེ་བའི་ཡུལ་ནི་མཛེས་ལྡན་འགྲོ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ཕྱེད་དོ། །​ཡབ་ནི་རིན་ཆེན་བླ་མ་ཞེས་བྱའོ། །​ཡུམ་ནི་རིན་ཆེན་འོད་ཅེས་བྱའོ། །​སྲས་ནི་ས་འཛིན་ཅེས་བྱའོ། །​རིམ་གྲོ་པ་ནི་ཡིད་ཞི་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཁྲུང་ཁྲུང་ང་རོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དོན་གྲུབ་ཅེས་བྱའོ། །​འདུས་པ་ནི་ལན་ཅིག་སྟེ་ཉན་ཐོས་འབུམ་འབྱུང་བར་འགྱུར་རོ། །​སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །​དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཚངས་པའི་དབྱངས་སྐྱེ་བའི་ཡུལ་ནི་གཟི་བརྗིད་འོད་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བརྒྱད་ཅུའོ། །​ཡབ་ནི་ཚངས་པའི་བླ་མ་ཞེས་བྱའོ། །​ཡུམ་ནི་བདེ་ལྡན་མ་ཞེས་བྱའོ། །​སྲས་ནི་བསོད་ནམས་གཟི་བརྗིད་འོད་ཅེས་བྱའོ། །​རིམ་གྲོ་པ་ནི་པད་མའི་མིག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གསེར་མདོག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གློག་སྦྱིན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་དུང་ཕྱུར་ཕྲག་བརྒྱད་དང་བྱེ་བ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14073#UT22084-045-001-14073