Degé Kangyur volume 45, F.107.a

འབུམ་ཕྲག་ལྔའོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་བཞིའོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་ལྔའོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་ལྔ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་མྱ་ངན་མེད་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་ཤེས་རབ་བྱིན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བཅྭ་བརྒྱད་དོ། །​ཡབ་ནི་མེ་ཏོག་བྱིན་ཞེས་བྱའོ། །​ཡུམ་ནི་ཆོས་ཅན་མ་ཞེས་བྱའོ། །​སྲས་ནི་འོད་སྦྱིན་ཞེས་བྱའོ། །​རིམ་གྲོ་པ་ནི་དགའ་དབྱངས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷུན་པོ་བརྩེགས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒྱལ་བས་བྱིན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་ཉི་ཁྲིའོ། །​གཉིས་པ་ལ་ནི་ཁྲིའོ། །​འདུས་པ་གསུམ་པ་ལ་ནི་དགུ་འབུམ་ལྔ་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་སུམ་འབུམ་གྱི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་སྐར་རྒྱལ་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་ཙམ་པའི་མཆོག་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་དོ། །​ཡབ་ནི་ལྷ་བཟང་ཞེས་བྱའོ། །​ཡུམ་ནི་སྦྱིན་དགའ་ཞེས་བྱའོ། །​སྲས་ནི་གློག་གི་འོད་ཅེས་བྱའོ། །​རིམ་གྲོ་པ་ནི་མཐོང་དགའ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་བླ་མ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་བླ་མ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བརྒྱད་དོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་བདུན་དང་བྱེ་བ་ཕྲག་བརྒྱད་དོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་བདུན་ནོ། །​སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་ཉིས་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་རབ་གསལ་སྐྱེ་བའི་ཡུལ་ནི་གླིང་ལྡན་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་སྟོང་གི་འཇིག་རྟེན་གྱི་ཁམས་ཙམ་མོ། །​ཡབ་ནི་ཆོས་འཕགས་ཞེས་བྱའོ། །​ཡུམ་ནི་པད་མ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14067#UT22084-045-001-14067