Degé Kangyur volume 45, F.102.b

ཞེས་བྱའོ། །​རིམ་གྲོ་པ་ནི་བློ་རྫོགས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགེ་སློང་མཁས་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསྙེན་པ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་དགེ་སློང་བཞི་ཁྲིའོ། །​གཉིས་པ་ལ་ནི་བདུན་ཁྲིའོ། །​འདུས་པ་གསུམ་པ་ལ་ནི་ཉན་ཐོས་དྲུག་ཁྲིའོ། །​སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་གསེར་ཐུབ་སྐྱེས་པའི་ཡུལ་ནི་གྲོང་ཁྱེར་ལྔ་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ཕྱེད་དོ། །​ཡབ་ནི་མེས་བྱིན་ཞེས་བྱའོ། །​ཡུམ་ནི་བླ་མ་ཞེས་བྱའོ། །​སྲས་ནི་རྣམ་པར་རྒྱལ་བའི་སྡེ་ཞེས་བྱའོ། །​རིམ་གྲོ་པ་ནི་བཀྲ་ཤིས་ལྡན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཆོག་མ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒྱལ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་དགེ་སློང་བདུན་ཁྲིའོ། །​གཉིས་པ་ལ་ནི་དྲུག་ཁྲིའོ། །​འདུས་པ་གསུམ་པ་ལ་ནི་དགེ་སློང་ལྔ་ཁྲིའོ། །​སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །​དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་འོད་སྲུང་སྐྱེས་པའི་ཡུལ་ནི་ཚེ་ཏ་ན་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་རྒྱང་གྲགས་གཅིག་གོ། །​ཡབ་ནི་ཚངས་བྱིན་ཞེས་བྱའོ། །​ཡུམ་ནི་ནོར་བདག་མ་ཞེས་བྱའོ། །​སྲས་ནི་དེད་དཔོན་ཞེས་བྱའོ། །​རིམ་གྲོ་པ་ནི་ཀུན་གྱི་བཤེས་གཉེན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བ་ར་དྭཱ་ཛ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྐར་རྒྱལ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་དགེ་སློང་ཉི་ཁྲིའོ། །​གཉིས་པ་ལ་ནི་ཁྲི་བརྒྱད་སྟོང་ངོ་། །​གསུམ་པ་ལ་ནི་ཁྲི་དྲུག་སྟོང་ངོ་། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲིའོ། །​དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​མཆོག་ཏུ་དགའ་བའི་རྒྱལ་པོ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ང་སྐྱེས་པའི་ཡུལ་ནི་སེར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14058#UT22084-045-001-14058