Degé Kangyur volume 61, F.96.b

༄༅༅། །​རྒྱ་གར་སྐད་དུ། ཨཱརྱ་བོ་དྷི་ས་ཏྭ་ཙརྱ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡངས་པ་ཅན་ན་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ན་དགེ་སློང་སྟོང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh184.html?part=UT22084-061-004-272#UT22084-061-004-272