Degé Kangyur volume 31, F.44.b

མིག་སྐྱེ་བའི་ཚིག་བླ་དགས་སམ། འགག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །​ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་སྐྱེ་བའི་ཚིག་བླ་དགས་སམ། འགག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །​ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། མིག་དངོས་པོ་ཡོད་པའི་ཚིག་བླ་དགས་སམ། དངོས་པོ་མེད་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །​ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དངོས་པོ་ཡོད་པའི་ཚིག་བླ་དགས་སམ། དངོས་པོ་མེད་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །​ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གཟུགས་རྣམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །​ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། སྒྲ་དང་། དྲི་དང་། རོ་དང་། རེག་པ་དང་། ཆོས་རྣམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །​ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གཟུགས་རྣམས་རྟག་པའི་ཚིག་བླ་དགས་སམ། མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །​ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། སྒྲ་དང་། དྲི་དང་། རོ་དང་། རེག་པ་དང་། ཆོས་རྣམས་རྟག་པའི་ཚིག་བླ་དགས་སམ། མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །​ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གཟུགས་རྣམས་བདེ་བའི་ཚིག་བླ་དགས་སམ། སྡུག་བསྔལ་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །​ཤ་ར་དྭ་ཏིའི་བུ་འདི་ཇི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-4835#UT22084-031-002-4835