Degé Kangyur volume 1, F.1.b

༄༅༅། །​རྒྱ་གར་སྐད་དུ། བི་ན་ཡ་བསྟུ། བོད་སྐད་དུ། འདུལ་བ་གཞི། བམ་པོ་དང་པོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །​གང་གིས་འཆིང་རྣམས་ཡང་དག་རབ་བཅད་ཅིང་། །​མུ་སྟེགས་ཚོགས་རྣམས་ཐམས་ཅད་རབ་བཅོམ་སྟེ། །​སྡེ་དང་བཅས་པའི་བདུད་རྣམས་ངེས་བཅོམ་ནས། །​བྱང་ཆུབ་འདི་བརྙེས་དེ་ལ་ཕྱག་འཚལ་ལོ། །​ཁྱིམ་དོན་ཆེ་ཆུང་སྤངས་ཏེ་དང་པོར་རབ་འབྱུང་དཀའ། །​རབ་བྱུང་ཐོབ་ནས་ཡུལ་སྤྱད་དག་གིས་དགའ་ཐོབ་དཀའ། །​མངོན་དགའ་ཇི་བཞིན་དོན་བསྐྱེད་ཡང་དག་བྱེད་པ་དཀའ། །​ངུར་སྨྲིག་གོས་འཆང་མཁས་པ་ཚུལ་ལས་ཉམས་པ་དཀའ། །​གཞི་རྣམས་ཀྱི་སྤྱི་སྡོམ་ལ། རབ་འབྱུང་གསོ་སྦྱོང་གཞི་དང་ནི། །​དགག་དབྱེ་དབྱར་དང་ཀོ་ལྤགས་གཞི། །​སྨན་དང་གོས་དང་སྲ་བརྐྱང་དང་། །​ཀཽ་ཤཱམ་བཱི་དང་ལས་ཀྱི་གཞི། །​དམར་སེར་ཅན་དང་གང་ཟག་དང་། །​སྤོ་དང་གསོ་སྦྱོང་བཞག་པ་དང་། །​གནས་མལ་དང་ནི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29040#UT22084-001-001-29040