Degé Kangyur volume 31, F.52.a

ཆོས་རྣམས་ཀྱང་དེ་ལྟ་ལགས་སོ། །​བཙུན་པ་བཅོམ་ལྡན་འདས་མིག་གི་ཁམས་གཏན་མི་དམིགས་ལགས་ན། མིག་གི་ཁམས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བགྱིའོ། །​བཙུན་པ་བཅོམ་ལྡན་འདས་མིག་གི་ཁམས་རྟག་ཅེས་བགྱི་བ་གཏན་མི་དམིགས་ལགས་ན། མིག་གི་ཁམས་མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བགྱིའོ། །​བཙུན་པ་བཅོམ་ལྡན་འདས་མིག་གི་ཁམས་བདེ་ཞེས་བགྱི་བ་གཏན་མི་དམིགས་ལགས་ན། མིག་གི་ཁམས་སྡུག་བསྔལ་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བགྱིའོ། །​བཙུན་པ་བཅོམ་ལྡན་འདས་མིག་གི་ཁམས་བདག་མཆིས་ཞེས་བགྱི་བ་གཏན་མི་དམིགས་ལགས་ན། མིག་གི་ཁམས་བདག་མ་མཆིས་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བགྱིའོ། །​བཙུན་པ་བཅོམ་ལྡན་འདས་མིག་གི་ཁམས་སྟོང་ཞེས་བགྱི་བ་གཏན་མི་དམིགས་ལགས་ན། མིག་གི་ཁམས་མི་སྟོང་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་བར་བགྱིའོ། །​བཙུན་པ་བཅོམ་ལྡན་འདས་མིག་གི་ཁམས་མཚན་མ་མཆིས་ཞེས་བགྱི་བ་གཏན་མི་དམིགས་ལགས་ན། མིག་གི་ཁམས་མཚན་མ་མ་མཆིས་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh11.html?part=UT22084-031-002-4850#UT22084-031-002-4850